94305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གདུང་རྒྱུན་གྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་དཀྱིལ་འཁོར་རྒྱུན་གྱི་ཏིང་ངེ་འཛིན་གྱི་ནང་གསེས་སུ་གསུངས་པའི་ཏིང་ངེ་འཛིན་ཏེ། མདོ་འགྲེལ་མུན་པའི་གོ་ཆ་ལས། སྐུ་གདུང་རྒྱུན་གྱི་ཏིང་ངེ་འཛིན་ནི། ཁམས་གསུམ་གྱི་རིམ་པ་མ་སྤངས་བྲལ་བས་ཡེ་ཤེས་ཀྱི་ཁམས་གསུམ་གསལ་བ་ཉིད་དོ། །ཡང༌། ནམ་མཁའ་མེ་ཆུ་ས་རླུང་རྣམས། །ཞེས་པ་ལ་སོགས་པ་འབྱུང་བ་ལྔ་ཉིད་ཡེ་དག་པའི་ཡེ་ཤེས་ཀྱི་སྐུར་གསལ་བའི་དོན་ཇི་ལྟ་བར་མཇལ་བ་ཉིད་སྐུ་གདུང་ངོ༌། །ཡང༌། འཇུག་པའི་ཡན་ལག་བཞི་རྨང་རྟེན། །ཞེས་པ་ལ་སོགས་པ་དངོས་པོའི་ལུས་ཡེ་མ་སྤངས་དག་པ་ཡེ་ཤེས་ཀྱི་ལུས་སུ་བྱུང་བ་ཉིད་དུ་སྐུ་གདུང་ཆེན་པོར་རྟོགས་པའོ། །ཞེས་གསུངས་པ་བཞིན་ཁམས་གསུམ་མཆོད་རྟེན་དུ་བསྟན་པ་ནི། མདོ་དགོངས་པ་འདུས་པ་ལས། འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །གདུང་ཆེན་ཆོས་སྐུ་རྒྱུན་མི་འཆད། །ཅེས་དང་། ཕྱི་སྣོད་ཀྱི་འཇིག་རྟེན་མཆོད་རྟེན་དུ་བསྟན་པ་རྒྱུད་དེ་ཉིད་ལས། ནམ་མཁའ་མེ་ཆུ་ས་རླུང་རྣམས། །རྨང་གཞི་རི་རབ་རྟེན་དུ་སྣང༌། །བང་རིམ་རི་བདུན་བཅས་པ་རྣམས། །དེ་ཉིད་བང་རིམ་ཁྲི་འཕང་བརྟེན། །རི་བོ་བུམ་རྟེན་བུམ་པར་བཅས། །འདི་ཡང་གདུང་ཆེན་རྒྱུན་མི་འཆད། །ཅེས་དང་། ནང་བཅུད་ཀྱི་སེམས་ཅན་མཆོད་རྟེན་དུ་བསྟན་པ་རྒྱུད་དེ་ཉིད་ལས། འཛུགས་པའི་ཡན་ལག་གཞི་རྨང་རྟེན། །འཁོར་ལོ་ཚིགས་ཆེན་ཁྲི་འཕང་བརྟན། །ཡན་ལག་དང་པོ་བུམ་རྟེན་བཅས། །ལྕང་ལོ་ཅོད་པན་ཕྲེང་བས་བཀླུབས། །ཞེས་གསུངས་སོ། །
Domain ཆོས་ལུགས།