94321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུང་གྱི་དབྱེ་བ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པའང་ཡོད་པ་ནི། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་སུ་ཟིན་ཀྱང་སྨོན་ལམ་གྱི་དབང་གིས་སྐལ་པ་ཇི་ལྟ་བ་བཞིན་ཕན་འདོགས་པ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །༢ ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པའི་སྐུ་མ་ཡིན་པའང་ཡོད་པ་ནི། སའི་སྔ་རོལ་པའི་སྐུའོ། །༣ སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་པའི་སྐུ་ཡིན་པའང་ཡོད་པ་ནི། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུའོ། །༤ སྤྲུལ་པའི་སྐུའང་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུའང་མ་ཡིན་པ་ནི། དེ་ནི་ཆོས་ཀྱི་སྐུའོ། །
Domain ཆོས་ལུགས།