94329

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུང་ཐུགས་ཀྱི་རྣམ་པར་སྣང་བ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བདེ་བར་གཤེགས་པ་གཤེན་རབ་མཆོག་རྣམས་ཀྱི་སྐུ་གསུང་ཐུགས་དངོས་མ་ཡིན་ཡང་དེ་དག་དངོས་ཀྱི་ཚབ་མཚོན་ལ་གདུལ་བྱའི་སྣང་ངོར་དད་རྟེན་གྱི་རྣམ་པར་བཞེངས་པ་ལ་གོ་དགོས་ཏེ། ལྟ་བ་ཁྱུང་ཆེན་རྒྱུད་ལས། དྲུག་པ་སྐུ་གསུང་ཐུགས་ཉིད་ཀྱི། །རྣམ་པ་སྣང་བ་འདི་ལྟ་སྟེ། །སྐུ་ཡི་དམ་ཚིག་རྣམ་པ་ཙ་ཀ་ལི། །གསུང་གི་རྣམ་པ་ཡིག་འབྲུ་དང་། །ཐུགས་ཀྱི་རྣམ་པ་ཕྱག་མཚན་བཀོད། །དེ་ལྟར་རྟེན་གསུམ་རབ་བཀོད་པས། །ཞེས་པས། དེ་ཡང་སྐུ་རྟེན་ལ་སྐུ་བརྙན་ཙ་ཀ་ལི་སོགས་རིས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུགས་པ་སྣ་ཚོགས་ཡོད། གསུང་རྟེན་ལ་ཡང་ཡིག་འབྲུའམ་གསུང་རབ་རྣམས་སོ། །ཐུགས་རྟེན་ལ་ཡང་སྐུ་གདུང་མཆོད་རྟེན་དང་ཕྱག་མཚན་རྣམས་སུ་བཤད་དོ། །དེ་དག་རྟེན་གསུམ་དང་དོན་འདྲའོ། །
Domain ཆོས་ལུགས།