9433

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའ་གསུམ་ཁ་ཞིག་འགྲམས་ (1)
Part of speech མིང་ཚིག
Definition གཤིན་ལོ་དང་ལོག་མེན་ལོ་གཉིས་ཀྱི་བར་གཟའ་དང་། བབས་སྤར་གྱི་ནང་གཟའ་བཅས་གཟའ་གཅིག་གི་སྟེང་དུ་ཁེལ་བའི་སུམ་འདོམ་ཡིན་དུས་དེར་ཤི་བའི་གཤིན་པོར་ཕོག་པའི་འགྲམས་ལ་ཟེར་ཞིང་། དེ་ལས་མིག་དམར་གསུམ་འདོམ་གྱི་འགྲམས་ནི་མི་ནོར་བསྲེག་པའི་འགྲམས་དང་། སྤེན་པ་གསུམ་འདོམ་གྱི་འགྲམས་ནི་དུར་གསུམ་འགུལ་བའི་འགྲམས། ལྷག་པ་སུམ་འདོམ་གྱི་འགྲམས་ནི་མི་ནོར་ཚགས་ལ་འཚག་པའི་འགྲམས། ཕུར་བུ་གསུམ་འདོམ་གྱི་འགྲམས་ནི་དུར་གཅིག་འདུལ་བའི་འགྲམས་བཅས་ཡིན། ཁྱད་པར་དུ་དེ་གསུམ་སྟེང་དུ་ཤི་དུས་ཀྱི་ལོ་ཟླ་ཞག་དུས་བཞིའི་ལོའི་བར་གཟའ་ཡང་འདོམ་ན་མཚང་ཆེ་བར་བཤད། དེ་མིན་ལོ་ཟླ་ཞག་དུས་བཞིའི་དབང་ཐང་འདོམ་པའི་གཟའི་ཁམས་དང་མཐུན་ན་ཡང་མཚང་ཆེ་ཚུལ་བུ་དཔེར་གསལ།
Domain རྩིས་རིག