94331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུ་ནི། སྒྱུ་འཕྲུལ་ཞི་བའི་སྐབས་ཚོམ་བུ་གསུམ་པའི་ལྷ་ཚོགས་སོ་བརྒྱད་ལས་སྒོ་བ་ཡབ་ཡུམ་མ་བརྩིས་པའི་ལྷ་ཚོགས་སུམ་ཅུ་ཐམ་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེ་རིགས་དང་། པདྨའི་རིགས་ཏེ། རེ་རེ་ལའང་ཡབ་ཡུམ་བཅུ་བཅུའི་རང་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུ། ཞེས་གསུངས་སོ། །
Domain ཆོས་ལུགས།