94334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུང་ཐུགས་རྟགས་ཐིམ་པ་ (1)
Part of speech མིང་ཚིག
Definition རྙིང་མ། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་རྗེས་ཟ་ཧོར་གྱི་རྒྱལ་པོ་ཛཿ་ལ་ཡ་མཚན་གྱི་རྨི་ལྟས་བདུན་བྱུང་བའི་གཅིག་ཡིན། དེ་ནི་རྒྱལ་པོའི་རྨི་ལམ་དུ་རི་བོ་མ་ལ་ཡའི་རྩེ་མོའི་ཕོ་བྲང་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ་གདུལ་བྱའི་རྟོག་སྒྲིབ་སྦྱངས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་མི་སྣང་བར་བྱས། གསུང་བསྟན་པ་དང་ཐེག་པའི་སྒྲ་འབྲུག་སྟོང་ལྡིར་བ་བཞིན་བསྒྲགས་པས་གདུལ་བྱ་རྣམས་ཀྱིས་གོ་བར་མཛད། ཐུགས་ཀ་ནས་རྡོ་རྗེ་འོད་འབར་བ་ཞིག་བྱུང་སྟེ་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་འོད་འབར་བ་བྱུང་སྟེ་རྒྱལ་པོའི་སྤྱི་གཙུག་ཏུ་ཐིམ། ཞབས་མཐིལ་ནས་ཟླ་བ་ཤར་ཏེ་རྒྱལ་པོའི་ཞབས་མཐིལ་དུ་ཐིམ། སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱལ་པོའི་ལྟོ་བ་ན་འཕྱོ་བར་རྨིས་པའོ། །
Domain ལོ་རྒྱུས།