94337
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཆོས་ཀྱི་སྐུ་ནི། ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་རང་བཞིན་གྱི་ཡེ་ཤེས་དམ་པའི་ངོ་བོ་གང་ཞིག་དབྱིངས་དག་མཉམ་ཆེན་པོ་དང་རོ་གཅིག་ཏུ་ལྡན་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ། ལོངས་སྤྱོད་རྫོགས་པའི་སྐུ་ནི། གཞིའི་གནས་ལུགས་ཀྱི་སྣང་ཆ་སྟོང་གཟུགས་ཀྱི་སྐུར་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་འཁོར་ལ་སྣང་བའི་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཅན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། སྤྲུལ་པའི་སྐུ་ནི། ཐུན་མོང་བའི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པར་འདུལ་བྱེད་ཀྱི་རོལ་པ་དུ་མ་སྟོན་པ་སྤྲུལ་པའི་སྐུ་ཡིན་ནོ། |
Domain | ཆོས་ལུགས། |
{{#arraymap:སྐུ་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕར་ཕྱིན། རང་དོན་གྱི་སྐུ་དང། གཞན་དོན་གྱི་སྐུ་དང་། དེ་གཉིས་ཀྱི་རྟེན་གྱི་སྐུ་དང་གསུམ། དང་པོ་ནི་ལོངས་སྐུ། གཉིས་པ་ནི་སྤྲུལ་སྐུ། གསུམ་པ་ནི། ཆོས་ཀྱི་སྐུའོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་ནི་རྟེན་དང་བཅས་པར་བསྟན། །ཞེས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། འཕགས་པས་རྩ་བའི་དགོངས་པ་སྐུ་གསུམ་དུ་བཞེད་དེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་དོན་བསྟན་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བཤད་དོ། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་སོགས་ཀྱིས་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བསྟན་ལ། ཕྱག་ཞབས་འཁོར་ལོའི་མཚན་དང་ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བསྟན་ནོ། །གང་གིས་སྲིད་པ་ཇི་སྲིད་པར་ཞེས་སོགས་ཀྱིས་སྤྲུལ་སྐུའི་ངོ་བོ་བསྟན་ལ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་སོགས་ཀྱིས་དེའི་ཡོན་ཏན་རྒྱས་པར་བཤད་པ་ཡིན་པས་ན་ཟག་མེད་ཀྱི་ཡེ་ཤེས་རྣམས་སྐུ་ལོགས་པར་བཞག་པ་མི་བཞེད་དོ། །རྩ་བའི་དགོངས་པ་ནི་སྐུ་གསུམ་ཁོ་ནར་གནས་ཏེ། བྱམས་པའི་གཞུང་གཞན་རྣམས་ལས་ཀྱང་སྐུ་གསུམ་ཁོ་ནའི་རྣམ་གཞག་མཛད་ཀྱི། སྐུ་བཞིའི་རྣམ་གཞག་མཛད་པ་མེད་པའི་ཕྱིར་རོ། ། སློབ་དཔོན་གྱིས་སྐུ་བཞིའི་རྣམ་གཞག་མཛད་པའང་མཁན་པོ་རྣམ་སྣང་མཛད་ལ་སོགས་པའི་བཀའི་དབང་གིས་རང་ལུགས་ལྟར་སྣང་དུ་བཀོད་པ་ཡིན་གྱི། རང་ལུགས་ངེས་པ་ནི་སྐུ་གསུམ་སྟེ། འགྲེལ་ཆེན་ལས། རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་ནི་གསུམ་པོ་ཐོབ་པར་ཤོག ། ཅེས་པས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། སྐུ་གསུམ་དུ་བཞག་པ་ནི། སྤྱིར་ཕར་ཕྱིན་ཐེག་པའི་སྐབས་སུ་སྐུ་གསུམ་དུ་གྲངས་ངེས། བྱེ་བྲག་ཏུ་བྱམས་ཆོས་ཀྱི་དགོངས་པ་ལ་སྐུ་གསུམ་དུ་གྲངས་ངེས་པ། ཁྱད་པར་དུ་ས་སྐྱ་པའི་བཞེད་པ་ལ་སྐུ་གསུམ་དུ་བཞེད་པ་སྟེ། །རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ལས་ཕར་ཕྱིན་ཐེག་པ་ལ་སྐུ་གསུམ་དང་ཡེ་ཤེས་བཞི་ལས་མ་བཤད་ཅིང། སྐུ་བཞི་དང་ཡེ་ཤེས་ལྔ་ནི་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པར་གསུངས་པ་དང། ས་པཎ་གྱིས། ཁ་ཅིག་དབང་བཞི་མི་འདོད་ཅིང། །བསྐྱེད་རིམ་ལ་སོགས་ལམ་བཞི་པོའི། །རྣམ་པར་གཞག་པ་མི་འདོད་པར། །རྡོ་རྗེ་ཐེག་པའི་འབྲས་བུ་ནི། །སྤྲུལ་སྐུ་ལ་སོགས་སྐུ་བཞི་ཞེས། །འདོད་པ་དེ་ཡང་ལོག་ཤེས་ཡིན། །ཞེས་དང། འཛམ་གླིང་མཁས་པའི་དབང་པོ་སངས་རྒྱས་དཔལ་གྱིས་ཀྱང་རྣམ་བཤད་ཆེན་པོར་སྐུ་གསུམ་དུ་མཛད་པ་དང་། ཐུབ་དབང་མིའི་གཟུགས་སུ་སྤྲུལ་པ་རོང་སྟོན་ཆེན་པོའི་རྣམ་བཤད་ལས་ཀྱང་སྐུ་གསུམ་གྱི་རྣམ་གཞག་བྱམས་པའི་དགོངས་པར་གསུངས་པས་ཕྱོགས་འདི་ལ་ཐེ་ཚོམ་ཡང་མེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། |
{{#arraymap:སྐུ་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། སེམས་གསལ་བ་ཅིར་ཡང་སྣང་བ་རྣམ་རྟོག་ཕྱོགས་མེད་དུ་འཕྲོ་བ་སྤྲུལ་པའི་སྐུའོ། །སྣ་ཚོགས་སུ་སྣང་བ་དེ་ཉིད་ཟག་པ་མེད་པའི་བདེ་བ་ཆེན་པོར་མྱོང་བ་ལོངས་སྤྱོད་རྫོགས་པའི་སྐུ། དེ་དག་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པ་རྟོག་མེད་ཆོས་ཀྱི་སྐུར་གནས་པའོ། ། |
{{#arraymap:སྐུ་གསུམ་
|; |@@@ | | }}