94343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྐུ་གསུམ་ངོ་སྤྲོད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་ལྔ་པ་ཡིན། བརྗོད་བྱ་ནི། སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་ཀྱི་ངོ་སྤྲོད། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ངོ་སྤྲོད། ཆོས་སྐུ་གདོད་མའི་ངོ་སྤྲོད་དེ་སྐུ་གསུམ་ཉམས་སུ་ལེན་ཚུལ་གྱི་རིམ་པ་རྣམས་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང་། །ཤ་བ་རི་པ་མོ་ཏྲི་ཏེ་ཕུ་པ། །ཀརྨ་པ་ཀྴི་ཨོ་རྒྱན་རང་བྱུང་ཞབས། །གཡུང་སྟོན་རོལ་པའི་རྡོ་རྗེ་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་སོག་དབོན་རིག་རལ་རྗེ། །མཐོང་བ་དོན་ལྡན་བན་སྒར་འཇམ་དཔལ་བཟང་། །ཆོས་གྲགས་རྒྱ་མཚོ་ཀརྨ་ཕྲིན་ལས་པ། །ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་རང་བྱུང་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།