94346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུམ་དངོས་བཏགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འགའ་ཞིག་ཏུ་གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང་། གསེར་འོད་དམ་པ་ལས་མ་ཡིན་པར་བཤད་པ་དང་། སངས་རྒྱས་མེད་པར་བཤད་པ་རྣམས་ནི། དྲང་དོན་དང་། གནས་སྐབས་ཀྱི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་ཏེ། གཞན་གྱིས་མ་རྟོགས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
སྐུ་གསུམ་དངོས་བཏགས་ (2)
Part of speech མིང་ཚིག
Definition གནད་ཀྱི་དོན་ནི། ཆོས་སྐུ་སངས་རྒྱས་མཚན་ཉིད་པ་ཡིན་པས། དེ་ལ་བརྟེན་ནས་བྱུང་བའི་ལོངས་སྐུ་ཡང་སངས་རྒྱས་མཚན་ཉིད་པར་འདོད་དགོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ཀྱི་རོལ་པ་གདུལ་བྱ་ས་བཅུ་པའི་བྱང་སེམས་རྣམས་ལ་ངེས་པ་ལྔ་ལྡན་གྱི་སྐུར་སྣང་བ་ཡིན་པས་སངས་རྒྱས་ཀྱི་གནས་སྐབས་འབའ་ཞིག་ཡིན་པའི་ཕྱིར། ལོངས་སྐུ་དང། སེམས་ཅན་གྱི་གནས་སྐབས་ཀྱི་ཆོས་ཀྱི་གཞི་མཐུན་མེད་པའི་ཕྱིར། དེ་བཞིན་དུ་ལོངས་སྐུའི་སྤྲུལ་གཞི་བྱས་པ་ལ་བརྟེན་ནས་བྱུང་བའི་སྤྲུལ་སྐུ་ཡང་སངས་རྒྱས་མཚན་ཉིད་པ་ཡིན་ཏེ། སྤྲུལ་གཞིའི་ལོངས་སྐུ་སངས་རྒྱས་མཚན་ཉིད་པ་གང་ཞིག། སྤྲུལ་གཞི་དང་སྤྲུལ་པ་ལ་སྤངས་རྟོགས་ཁྱད་པར་མེད་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །