94352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུམ་ཡེ་ཤེས་མེ་ལྷ་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ལྷོ་ཤར་ན་བཞུགས་པའི་ལྷ་གཙོ་བོ་སྟེ། དེའི་ཆ་ལུགས་ནི། ར་སྐྱེས་འདེག་པའི་ཁྲི་དང་། ཉི་ཟླ་པད་གདན་གྱི་ཁ་ལ་དཀྱིལ་ཀྲུང་དུ་བཞུགས་ཤིང། དམར་པོའི་སྐུ་ལ་ཞི་རྒྱན་གྱིས་སྒེག་ཉམས་སྤྲས་ཏེ། ཕྱག་གཡས་ན་མེ་ཡི་རྒྱལ་མཚན་དང། གཡོན་པས་སྒྲོན་མེ་བསྣམས་པའི་མེ་ལྷ་ཞིག་ཡིན་པས། གཟི་བརྗིད་པོད་གསུམ་པ་ལས་གསལ་ལོ། །འཁོར་ནི་འོད་དང་ལྡན་པའི་ལྷ་བརྒྱད་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:སྐུ་གསུམ་ཡེ་ཤེས་མེ་ལྷ་

|; |@@@ | | }}