94359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་གསུམ་སྙིང་པོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཨ་ཨཱོྃ་ཧཱུྃ། སྟེ་འབྲུ་གསུམ་དེ་ཡིན་ལ། དེ་ཡང་ཨ་ནི་བོན་སྐུ། ཨཱོྃ་ནི་རྫོགས་སྐུ། ཧཱུྃ་ནི་སྤྲུལ་སྐུའི་སྙིང་པོ་ཡིན་པའམ་དེ་དག་གི་དོན་མཚོན་པ་སྟེ། གསང་འདུས་དོན་རྒྱུད་ལས། ཨ་ནི་སྐྱེ་མེད་བོན་གྱི་དབྱིངས། །ཨཱོྃ་ནི་འགག་མེད་ལོངས་སྤྱོད་རྫོགས། །ཧཱུྃ་ནི་སྤྲུལ་པ་ས་ཡ་འབྱེད། །སྐུ་གསུམ་ངོ་བོ་འདུ་འབྲལ་མེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྐུ་གསུམ་སྙིང་པོ་

|; |@@@ | | }}