From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐུ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ།
|
| Domain
|
ཆོས་ལུགས།
|
སྐུ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དང་བཞི་ཡོད།
|
སྐུ་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག སྤྲུལ་སྐུ་ལམ་དུ་བྱེད་པ་སོར་བསམ་གཉིས། ལོངས་སྐུ་ལམ་དུ་བྱེད་པ་སྲོག་འཛིན་གཉིས། ཆོས་སྐུ་ལམ་དུ་བྱེད་པ་རྗེས་དྲན། ལྷན་ཅིག་སྐྱེས་པའི་སྐུ་ལམ་དུ་བྱེད་པ་ཏིང་ངེ་འཛིན་ཡིན་ཏེ། སོར་སྡུད་དང་བསམ་གཏན་ནི་སྐུ་རྡོ་རྗེ་(སྐུ་སྤྲུལ་སྐུ)སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པའི་(སྤྲུལ་སྐུ)སྐུ་ནི་སྟོང་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང། སྲོག་རྩོལ་དང་འཛིན་པ་ནི་(གསུང་ལོངས་སྐུ)གསུང་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། སངས་རྒྱས་ཀྱི་(གསུང་ལོངས་སྐུ)གསུང་ནི་གཞོམ་མེད་ཀྱི་ན་ད་ཉིད་སྒྲ་སྐད་ཐམས་ཅད་དུ་འཆར་པ་ཡིན་པའི་ཕྱིར་དང། རྗེས་དྲན་ནི་(ཐུགས་ཆོས་སྐུ)ཐུགས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། རྒྱལ་བའི་ཐུགས་ཆོས་སྐུ་ནི་སྟོང་ཉིད་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དང། ཏིང་ངེ་འཛིན་ནི་(ལྷན་ཅིག་པའི་སྐུ)ཡེ་ཤེས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། བཅོམ་ལྡན་འདས་རྣམས་ཀྱི་(ལྷན་ཅིག་པའི་སྐུ)ཡེ་ཤེས་རྡོ་རྗེ་ནི་དོན་དམ་པའི་བདེ་ཆེན་ཉིད་ཡིན་པས་སོ། །
|