94456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ཟག་མེད་མེ་དཔུང་གི་དབལ་འབར་ལས་གཞལ་ཡས་བདུན་དུ་སྤྲུལ་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། འབྱུང་ལྔ་འོད་ཀྱི་མེ་དཔུང་ལས། དབང་ཆེན་གཞལ་ཡས་འབར་བའི་གསས་མཁར། གཡུ་མཐིང་འོད་ཀྱི་མེ་དཔུང་ལས། མཐིང་ནག་གྲུ་གསུམ་འབར་བའི་གསས་མཁར། དམར་ནག་འོད་ཀྱི་མེ་དཔུང་ལས། བསྐལ་པ་མེ་དཔུང་འབར་བའི་གསས་མཁར། མཐིང་ནག་འོད་ཀྱི་མེ་དཔུང་ལས། བོན་ཉིད་ཁྲོ་གཏུམ་འབར་བའི་གསས་མཁར། གསེར་མདོག་འོད་ཀྱི་མེ་དཔུང་ལས། ཐོག་དང་འོད་ཟེར་འབར་བའི་གསས་མཁར། དམར་སེར་འོད་ཀྱི་མེ་དཔུང་ལས། འཇིགས་བྱེད་དུར་ཁྲོད་འབར་བའི་གསས་མཁར། སྣ་ཚོགས་འོད་ཀྱི་མེ་དཔུང་ལས། མེ་དང་མཚོན་ཆ་འབར་བའི་གསས་མཁར་བཅས་བདུན་དུ་གསུངས་སོ། །
Domain ཆོས་ལུགས།