94473

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ཡང་འཇིག་བྱེད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྐུ་ཡང་འཇིག་བྱེད་ནི་ཁྲོ་བོ་ཤེས་རབ་མཐར་བྱེད་དེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཁྲོ་བོ་ཤེས་རབ་མཐར་བྱེད་ལ་ནི། སྐུ་ཡང་འཇིག་བྱེད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། རྣལ་འབྱོར་པ་ལ་སོགས་པ་ཕུང་པོའི་བདུད་དུ་གྱུར་པའི་སྐུ་འཇིག་པར་བྱེད་པའི་བགེགས་དེ་ཉིད་འཇིག་པར་བྱེད་པའོ། །ཡང་ན་ཕྱི་གཟུང་བའི་ཡུལ་ལུས་ཀྱི་དབང་པོ་སྟོང་པ་ཉིད་དུ་སྦྱོར་བའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།