94475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ཡལ་བ་རིན་ཆེན་མགོན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་ཕག་ཕྱི་ལོ ༡༡༩༡ ལོར་སྒང་གཡང་ཤེད་ལུང་པའི་མལ་ཞོལ་དུ་ཡབ་བན་བློན་མགོ་ཡགས་དང་། ཡུམ་ཇོ་ཟི་བཟའ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་ཀླུ་དགེ་ཡིན། བཅུ་གཅིག་པར་སྟག་ལུང་དུ་ཕེབས། མཁན་པོ་སྤྱི་དཔོན་དང་། སློབ་དཔོན་འགོས་ལྷ་ཁང་ལྷག་པ་གཉིས་ལས་རབ་ཏུ་བྱུང་། མཁན་སློབ་གཉིས་དང་། ནགས་ལུང་པ་ལས་ཆོས་མང་དུ་གསན། བཅུ་གསུམ་པར་དབུས་སུ་བྱོན། སྟག་ལུང་རིན་པོ་ཆེ་ལས་གདམས་ངག་ཞུས། བཅུ་དགུ་པར་མཁན་པོ་གཙང་པ་དང་། ལས་སློབ་སངས་རྒྱས་སྒོམ་པ། གསང་སྟོན་སློབ་དཔོན་སངས་རྒྱས་རྣམས་ཀྱིས་མཛད་དེ་བསྙེན་པར་རྫོགས། སྟག་ལུང་རིན་པོ་ཆེ་སྐུ་གཤེགས་ཁར་ཕག་མོ་གྲུ་པའི་ཕྱག་འཁར་དང་། དཔེ་མཛོད་ཀྱི་ལྡེ་མིག་བཅས་གནང་། ཉི་ཤུ་པ་རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ ༡༢༡༠ ལོར་སྟག་ལུང་དགོན་པར་ཕེབས། སྐུ་འབུམ་འབུམ་ཁང་དང་། དངུལ་གྱི་གདུང་ཁང་ཁྲུ་གང་དང་མཐོ་གང་གཅིག་དངུལ་གྱི་ཁང་ཆེན་མོ། གསེར་སྲང་བཅུ་བདུན་ལས་གྲུབ་པའི་ཕག་གྲུའི་སྐུ། སྟག་ལུང་རིན་པོ་ཆེའི་དངུལ་སྐུ་ཆེན་མོ་བཅས་བཞེངས། སོ་བཞི་པ་རབ་བྱུང་བཞི་པའི་ཤིང་སྤྲེལ་ཕྱི་ལོ ༡༢༢༤ ལོར་མཆོད་ཁང་ཀ་བ་བརྒྱད་ཅུ་ཅན་བཞེངས། མཁན་སློབ་བསྐོས་ནས་རབ་བྱུང་སྒྲུབ་པ་དང་། ཆོས་སྒོ་འབྱེད་པ། ཉན་བཤད་སྒོམ་སྒྲུབ་བྱེད་དུ་བཅུག ཐོག་མར་གྲྭ་བ་བདུན་བརྒྱ་ཙམ་ལས་ལྔ་སྟོང་ཙམ་འཕེལ། ཞེ་བདུན་པ་རབ་བྱུང་བཞི་པའི་མེ་སྤྲེལ་ཕྱི་ལོ ༡༢༣༦ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་གཉིས་པ་ཡིན། མཚན་གཞན། དབོན་པོ་དཀར་པོ།

{{#arraymap:སྐུ་ཡལ་བ་རིན་ཆེན་མགོན་པོ་

|; |@@@ | | }}