94476
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་གཉིས་པ། ཕྱི་ལོ་ ༡༡༩༠ ལོར་མདོ་ཁམས་ཀུན་གཡུང་སྒང་དུ་སྐུ་བལྟམས། དགུང་ལོ་བཅུ་གསུམ་སྟེང་དུ་དབུས་སུ་ཕེབས་ཤིང་། ཆོས་རྗེ་རིན་པོ་ཆེའི་ཞབས་ལ་གཏུགས། སྤྱི་ལོ་༡༢༡༠་ལོར་སྟག་ལུང་པའི་ཆོས་ཀྱི་ཁྲི་ལ་འཁོད། གཙུག་ལག་ཁང་ཆེན་སྲིད་ཞིའི་དཔལ་འབར་རམ། སྟག་ལུང་པའི་མཆོད་ཁང་དམར་པོ་ཞེས་པའི་གྲགས་པ་ཅན་དེ་བསྐྲུན་ཅིང་། ཚོགས་པ་ལོ་ཉི་རྩ་དྲུག་བསྐྱངས། མཐར་ཕྱི་ལོ་ ༡༢༣༦ ལོར། སངས་རྒྱས་ཡར་བྱོན་ལ་དཔེ་མཛོད་ཀྱི་ལྡེ་མིག་གཏད་དེ། ང་ཡང་ཆོས་རྗེ་རིན་པོ་ཆེའི་འཕྲིན་ལས་པ་ཡིན། ཁྱེད་ཀྱང་ཆོས་རྗེ་རིན་པོ་ཆེའི་འཕྲིན་པ་ཡིན། སྔོན་གྱི་རྣམ་ཐར་བཞིན་སྐྱོངས་ཤིག་ཅེས་གདམ་སྟེ་བསྟན་པ་གཏད་ཅིང་། ཁོ་བོ་ཆོས་རྗེ་རིན་པོ་ཆེ་མཇལ་བ་ནས་བཟུང་དོ་ནུབ་བར་སྐ་རགས་བཤིག་མ་མྱོང་གསུངས་ཏེ་སྐ་རགས་བཤིག་ཅིང་ཀ་བ་ལ་བཅིངས་ནས་ཆོས་ཁྲིམས་དམ་དུ་སྡོམས་ཤིག་པའི་བརྡ་སྟོན་མཛད་དེ་ཞི་བར་གཤེགས། སློབ་མའི་གཙོ་བོ་ནི། སངས་རྒྱས་ཡར་བྱོན་དང་། ཞྭ་དམར་ཅོད་པན་འཛིན་པའི་སྐྱེ་བའི་གཞི། གཡག་རུ་རས་པ་བཀྲ་ཤིས་གྲགས་སོགས་བྱོན། |