9449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའ་ནད་ (1)
Part of speech མིང་ཚིག
Definition ངོ་བོ་ཀླད་སྐྱོན་གྱི་ནད་ལ་སྔོན་རབས་ཀྱི་གྲགས་ཚོད་དང་བསྟུན་ནས་ནད་བདག་གི་མིང་ནད་ལ་བཏགས་པ་སྟེ། དྲང་སྲོང་གཟའ་བདུད་ཆེན་པོ་ར་ཧུ་ལས་གཏོང་བར་གྲགས་པའི་ནད་དེ་ནང་གསེས་སུ་དབྱེ་ན། མེ་གཟའ། ཆུ་གཟའ། རླུང་གཟའ། ས་གཟའ། ནམ་མཁའི་གཟའ་བཅས་ལྔ་ཡོད་དོ། །ནད་དེའི་རྟགས་ནི་ཀླད་སྟེང་ཁྲག་རྩ་བརྡོལ་ནས་ཁ་ལྐུགས་ཤིང་མིག་སླེ་བ་དང༌། གཞོགས་བཤལ་བ། ཚོར་བ་ཉམས་པ། དྲི་ཆེན་དང་དྲི་ཆུ་དབང་མེད་དུ་འཆོར་བ་བཅས་འབྱུང་བའི་ནད་ཅིག
Domain གསོ་རིག