94492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་རྒྱན་ལོངས་སྤྱོད་ན་བཟའ་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་འགྲོ་བ་འདུལ་བ་ལ་སོགས་ཀྱི་སྐབས་སུ་ཡི་དམ་རང་རང་གི་ཚུལ་དང་བསྟུན་པའི་སྐུ་རྒྱན་ན་བཟའ་ལ་སྤྱོད་ཅིང་བསྣམས་པའི་དོན་ཏེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། དབྱི་སྤྱང་དར་ཟབ་ལྷབ་ལྷུབ་ཚོགས། །སྐུ་རྒྱན་ལོངས་སྤྱོད་ན་བཟའ་བསྙེན། །ཞེས་པས། དེ་ལ་ཡང་དབྱི་སྤྱང་གི་པགས་པ་དང་དར་ཟབ་ཀྱི་རྒྱན་གོས་ལ་སོགས་གསོལ་ཞིང་བརྒྱན་ཏེ་རང་གཞན་གྱི་དོན་སྒྲུབ་པར་མཛད་པ་ཡིན་ནོ། །དེ་ལ་ཡང་ནང་གི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ཡི་དམ་གྱི་ལྷ་དང་གཤེན་བོན་དག་གི་སྐུ་རྒྱན་ཡིན་པས་ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།