From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐུ་རྡོ་རྗེ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། དེ་བཞིན་གཤེགས་པའི་སྐུ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟོང་པ་ཉིད་ཀྱི་རྡོ་རྗེ། གསུང་མཚན་མ་མེད་པའི་རྡོ་རྗེ། ཐུགས་སྨོན་པ་མེད་པའི་རྡོ་རྗེའོ། །ཞེས་གསུངས་པ་ལྟར་རོ། །
|
| Domain
|
ཆོས་ལུགས།
|
སྐུ་རྡོ་རྗེ་ (2)
| Part of speech
|
མིང་ཚིག
|
| Definition
|
རྡོ་རྗེ་གསུམ་གྱི་ནང་གསེས་ཤིག་སྟེ། གཟུགས་རྣམ་པར་དག་པ་སྣང་སྟོང་གཉིས་སུ་མེད་པའི་སྐུ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཚང་བ།
|