From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀླུ་ཆེན་པོ་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། སེར་སྐྱ་ཞེས་བྱ་བ། དྲི་མ་ཞེས་བྱ་བ། ཆུ་ལྡན་ཞེས་བྱ་བ། དྲག་ཤུལ་ཞེས་བྱ་བ། ལྷའི་བང་རིམ་ཞེས་བྱ་བ། བུམ་པའི་བང་རིམ་ཞེས་བྱ་བ། ཉེ་བའི་ཀླུ་ཞེས་བྱ་བ། ཨོ་ཌ་སུ་ཏ་ཞེས་བྱ་བའོ། །
|
| Domain
|
ཆོས་ལུགས།
|
ཀླུ་ཆེན་པོ་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཀླུའི་ནང་ན་ཀླུ་ཆེན་པོ་བསྐལ་བར་གནས་ཤིང་ས་འཛིན་པར་དགའ་བོ། ཉེ་དགའ། རྟའི་གཞི། བཏང་བཟུང༌། གཟི་ཅན། ཡུལ་འཁོར་སྲུང༌། ནག་པོ་ཆེན་པོ། ཨེ་ལའི་འདབ་བོ། །
|
ཀླུ་ཆེན་པོ་བརྒྱད་ (3)
| Part of speech
|
མིང་ཚིག
|
| Definition
|
ཤར་དུ་མཐའ་ཡས་སྔོན་པོ། ལྷོར་འཇོག་པོ་དམར་པོ། ནུབ་ཏུ་སྟོབས་རྒྱུ་ལྗང་ཁུ། བྱང་དུ་རིགས་ལྡན་ཁྲ་བོ། ཤར་ལྷོར་ནོར་རྒྱས་དཀར་པོ། ལྷོ་ནུབ་ཏུ་དུང་སྐྱོང་སེར་པོ། ནུབ་བྱང་དུ་པདྨ་དམར་པོ། བྱང་ཤར་དུ་ཝ་རུ་ཎའམ་པདྨ་ཆེན་པོ་དཀར་པོའོ། །དེ་དག་ཐམས་ཅད་ཀྱང་རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་ཏུ་ཡོད་པ་སྦྲུལ་མགོ་བདུན་གྱི་གདེངས་ཀ་དང་ལྡན་པ་ཤ་སྟག་ཡིན། ཚེ་ཚད་ཀྱང་བསྐལ་བ་མ་ཞིག་བར་དུ་གནས་པར་བཤད།
|