94505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་ལྔ་ཡེ་ཤེས་གྲུབ་པའི་ཡི་གེ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་འཁོར་ཚུལ་དུ་བཞུགས་པའི་ཞི་ལྷ་ལྔའི་ས་བོན་གྱི་ཡིག་འབྲུ་ལྔ་སྟེ། ཨ། མ། པ། བ། ཕ་དང་ལྔའོ། དེ་དག་ནི་རིམ་པ་བཞིན་དུ། ཀུན་སྣང་ཁྱབ་པ། ནམ་མཁའི་ལྷ་མོ། ཁྲི་བཞི་ནམ་ཏིང། སྲིད་པའི་རྒྱལ་མོ། ཡེ་གཤེན་གཙུག་ཕུད་དང་ལྔའི་སྐྱེད་བྱེད་ཀྱི་ས་བོན་ཡིན་ནོ། །སྐྱེད་ཚུལ་ནི། དཀྱིལ་འཁོར་ལྷ་སྟེགས་ཀྱི་དབུས་ཀྱི་ལྟེ་བ་དང་། དེའི་བྱང་། ཤར། ལྷོ། ནུབ་ཀྱི་པད་མ་རྣམས་ལ་རིམ་བཞིན་དུ། ལྷ་ལྔ་གཙོ་འཁོར་དེ་རྣམས་ས་བོན་ཡིག་འབྲུ་དེ་ལྔ་ལས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་སྐུ་མདོག་ཕྱག་མཚན་རྒྱན་དང་ལྡན་པ་ས་ལེ་གསལ་བ་ཞལ་ཕྱོགས་བཅུ་ཡོངས་ལ་གཟིགས་པ་སྐུ་སྣང་ལ་རང་བཞིན་མེད་པ་བསྒོམ། ཞེས་གསུངས་སོ། །དགོས་པ་ནི། གཞུང་ལས། སེམས་ཅན་སྒྲིབ་པ་སྦྱང་ཕྱིར་བདག་གིས་གསལ་བར་བསྐྱེད། །ཅེས་པ་ལྟར་རོ། །
Domain ཆོས་ལུགས།