94522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུ་སྤྱིའི་ཡོན་ཏན་བཅུ་ (1)
Part of speech མིང་ཚིག
Definition དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་སྟེ། སྐུ་མཉེན་ཞིང་འགྱིང་ལེགས་པས་འཁྲིལ་བག་ཆགས་པ་དང༌། རིང་ཐུང་སྦོམ་ཕྲ་སོགས་མ་འཆོལ་བས་རིམ་པར་འཚམ་པ་དང༌། མཚན་རྣམས་ཀྱི་ཆ་ཤས་མཐའ་དག་གསལ་ཞིང་རྫོགས་པ་དང༌། སྐུ་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་བཟང་བ་དང༌། སྐུ་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པ་དང༌། སྐུ་ལ་རྩུབ་བག་མེད་པས་འཇམ་པ་དང༌། སྐུ་རིད་པ་སོགས་ཀྱི་སྐྱོན་མེད་པས་ཞུམ་པ་མེད་པ་དང༌། སྐུ་ཤ་རྒྱས་པ་དང༌། སྐུ་མི་ལྷོད་པར་ཤིན་ཏུ་གྲིམ་པ་དང༌། སོར་མོ་དང་ཡན་ལག་སྦོམ་ཕྲ་སོགས་ཀྱི་ཆ་ཕྱེད་པས་ཤིན་ཏུ་རྣམ་པར་འབྱེས་པ་བཅས་བཅུ།
Domain ཆོས་ལུགས།