94555
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་མདོ་ལུགས་སངས་རྒྱས་ཀྱི་སྐུ་དེ་ལ་གསུམ་མམ་བཞིར་གྲངས་ངེས་པ་ལ་འཇོག་པ་ཡིན་ལ། དེ་ཡང་སློབ་དཔོན་སེང་གེ་བཟང་པོ་ལྟར་ན་སངས་རྒྱས་ཀྱི་སྐུ་ལ་བཞིར་ངེས་ཏེ། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། སྐུ་ལ་དབྱེ་ན་བཞི་ཡོད་དེེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |