94575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུའི་རྔམ་ཚུལ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་བྱེད་པ་རྐྱེན་གྱི་རྣལ་འབྱོར་སྐབས་སུ་བསྟན་པའི་རྔམ་ཉི་ཤུའི་ཡ་གྱལ་ཏེ། ཇི་ལྟར་སྣང་བ་རི་བོའམ་རི་མོ་ལྟ་བུའི་ཚུལ་དང། ཅིར་ཡང་འགྱུར་བ་གར་ཐབས་ལྟ་བུའི་ཚུལ་དང། ཟིལ་གྱིས་གནོན་པ་ཁྱད་དུ་བྱུང་བའི་ཚུལ་དང། ཚམ་རྔམ་ཆེན་པོ་སྟབས་སུ་འགྱིང་བའི་ཚུལ་བཅས་བཞིའོ། །
Domain ཆོས་ལུགས།