From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐུའི་སྟོབས་ (1)
| Part of speech
|
མིང་ཚིག
|
| Definition
|
གཟུགས་པོའི་སྟོབས།
|
| Example
|
སྐུའི་སྟོབས་ཀྱིས་གདུལ་བྱ་ཟིལ་གྱིས་གནོན་པ་ལྟ་བུ།
|
| Type
|
ཞེ་ས།
|
སྐུའི་སྟོབས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། མཆིམས་མཛོད་ལས། སངས་རྒྱས་ཀྱི་སྐུ་ལ་ནི་སྲེད་མེད་ཀྱི་བུའི་སྟོབས་མངའོ། །དེ་ལ་སྲེད་མེད་ཀྱི་བུ་ཞེས་བྱ་བ་ནི་སྟོབས་ཀྱི་མིང་སྟེ་དཔེར་ན་གྲངས་ཀྱི་གནས་གཞན་དྲུག་ཅུ་པ་ལ་གྲངས་མེད་ཅེས་བརྗོད་པ་བཞིན་ནོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
སྐུའི་སྟོབས་ (3)
| Part of speech
|
མིང་ཚིག
|
| Definition
|
སྐུའི་སྟོབས་ཀྱི་ཚད་ཀྱང་ཡོད་དེ། སྐུ་ལ་སྲེད་མེད་བུའི་སྟོབས་མངའ་བའི་ཕྱིར། སྡེ་པ་གཞན་དག་ནི་ཚིགས་རེ་རེ་ནའང་སྲིད་མེད་ཀྱི་བུའི་སྟོབས་མངའ་བར་འདོད་དོ། །སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཀྱང་ཡོད་དེ། གླང་ཆེན་ཕལ་པ་དང་། སྤོས་ཀྱི་གླང་ཆེན་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག སྲེད་མེད་ཀྱི་བུ་བདུན་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བཅུ་འགྱུར་གྱི་ཤེད་ཆེ་བ་ཡིན་ལ། དེས་ནས་རབ་མཆོག་གི་སྟོབས་བཅུ་དང་སྲེད་མེད་བུའི་སྟོབས་མཉམ་པའི་ཕྱིར། སྐུའི་སྟོབས་དེ་སྐྱེ་མཆེད་གང་ཡིན་པ་ཡང་ཡོད་དེ། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར།
|