94586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐུར་བ་འདེབས་པའི་གཞི་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ རྒྱུ་ལ་སྐུར་པ་འདེབས་པ་ནི། དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་རྒྱུ་ལ་སྐུར་པ་འདེབས་པའོ། ། ༢ འབྲས་བུ་ལ་སྐུར་པ་འདེབས་པ་ནི། ལེགས་པར་སྤྱད་པ་དང་། ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །༣ བྱེད་པ་ལ་སྐུར་པ་འདེབས་པ་ནི། འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནས་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་བར་ནི་བྱེད་པ་ལ་སྐུར་བ་འདེབས་པའོ། ། ༤ ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ནི། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་སྐུར་པ་འདེབས་པ་དེ་དག་ལ་སོགས་པ་ནི་དངོས་པོ་ལ་སྐུར་པ་འདེབས་པའོ། །
Domain ཆོས་ལུགས།