946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་ཆེན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཀླུ་ཆེན་བརྒྱད་ནི། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་འཇོག་པོ་དམར་པོ། ནུབ་ཏུ་སྟོབས་ཀྱི་རྒྱུ་ལྗང་གུ བྱང་དུ་རིགས་ལྡན་ཁྲ་བོའམ་ལྗང་གུ ཤར་ལྷོར་ཟླ་བའི་གདན་ལ་ནོར་རྒྱས་དཀར་པོ། ལྷོ་ནུབ་ཏུ་དུང་སྐྱོང་སེར་པོ། ནུབ་བྱང་དུ་པདྨ་དམར་པོ། བྱང་ཤར་དུ་ཆུ་ལྷ་དཀར་པོ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟོད་ལྷའི་ལུས་ཅན་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ་ལྟེ་བ་མན་ཆད་སྦྲུལ་གྱི་གཟུགས་ཅན་ཕྱག་གཡས་རྡོ་རྗེ། གཡོན་པས་ཆུང་མ་རང་དང་འདྲ་བའི་མདོག་ཅན་ཕྱག་མཚན་མཚུངས་པའི་མགུལ་ནས་འཁྱུད་པའོ། །ཆུང་མ་རྣམས་ཨཏྤལ་འཛིན་ཅིང་གདེངས་ཀ་གསུམ་པ་ཟེར་བའང་འདུག དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།