9462
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟའི་སྒྲུབ་གཞི་དེ་ལ་ཉིན་རེའི་གཟའི་རྟག་ལོངས་བྱིན་ནས་བསྒྲུབས་པའི་ལོངས་སྤྱོད་དེ་ལ་ཟེར་ཞིང་། ཚུལ་དེ་ཉིན་རེའི་གཟའི་ལོངས་སྤྱོད་སྐྱོན་མེད་རྣམ་དག་མིན་ཡང་གཟའི་དྷྲུ་ཝ་ལ་ལྟོས་ན་ཅུང་ཟད་རྣམ་པར་དག་པར་སོང་བས་ན་དེ་སྐད་ཟེར། རིགས་ལྡན་སྙིང་ཐིག་ལས། གང་རྩིས་ཚེས་བསྒྱུར་སྟེར་བའམ། །ཡང་ན་རྟག་ལོངས་རེའུ་མིག་འདི། །བསྲེས་ལ་རང་འཁོར་བསྒྲིལ་བའི་ལྷག ། གཟའ་དང་ཉི་མ་བར་བ་ཡིན། །ཞེས་བྱུང་། |
| Domain | རྩིས་རིག |