94626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐེ་ཚེ་ (1)
Part of speech མིང་ཚིག
Definition སྐེ་ཚེ་ནག་པོའི་བསྡུས་མིང་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཕྲ་ཞིང་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་པོ་ཕྲ་ལ་སྨུག་པའི་སྟོད་ཆར་ཡལ་ག་མང་པོ་གྱེས། ལོ་མ་ལྗང་ལ་ནག་ཤས་ཡོད་པའི་དབྱིབས་མདུང་རྩེ་འདྲ་བར་ཉག་ག་ཡོད་ལ། ངར་བ་ཐུང་བ་ལོ་སྡོང་ཡོངས་དཀར་ལ་རྩུབ་ཅིང་ལོ་མའི་རྩེ་དང་ཉག་གའི་རྩེ་རྣམས་རྣོ་བ་དང་ངར་བ་འགའི་ལོ་མ་ཆེ་ཞིང་ཡུངས་དཀར་གྱི་ལོ་མའི་དབྱིབས་འདྲ་ལ། ཉག་གའི་རྩེ་རེས་ཆུང་ངེས་པ་མེད། མེ་ཏོག་དཀར་པོའམ་སེར་པོ་རྒྱ་གྲམ་མེ་ཏོག་ཡལ་ག་དང་། ལོ་མའི་བར་མཚམས་ནས་རེ་མོས་ཀྱིས་ཤར་བ། གང་བུ་ཕྲ་ལ་རིང་བ་པད་ཁ་གང་བུའི་དབྱིབས་འདྲ་བའི་ནང་དུ་འབྲུ་གུ་སེར་པོ་ཤིན་ཏུ་ཞིབ་ལ་མང་བ་ཡོད། འདི་ལ་རིགས་གཉིས་ཡོད་པར་སྐེ་ཚེ་དཀར་པོ་དང་། ཤང་ཚེ་ནག་པོ་ཞེས་འབོད་པ་ཡོད། དེ་ནི་པད་ཁའི་རིགས་སྣུམ་བཏོན་ན་དྲི་ཆེ་བ་ཡོད།
Domain གསོ་རིག