From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྐོམ་དད་ (1)
| Part of speech
|
མིང་ཚིག
|
| Definition
|
ཆུ་སོགས་ཧ་ཅང་འཐུང་འདོད་ཆེ་བའམ་ཇི་ཙམ་བཏུངས་ཀྱང་ཚིམ་རྒྱུ་མེད་པའི་དོན།
|
| Example
|
ནད་པ་སྐོམ་དད་ཅན། རྟ་སྐོམ་དད་ཅན་ལ་ཆུ་བཏུང་དུ་ཆུག་ལྟ་བུ།
|
སྐོམ་དད་ (2)
| Part of speech
|
མིང་ཚིག
|
| Definition
|
ལས་གང་ཞིག་ཧ་ཅང་སྒྲུབ་འདོད་ཡོད་པའི་དོན།
|
| Example
|
ལས་ལ་སྐོམ་དད་ཡོད་ན། འགྲུབ་པར་འགྱུར་བ་སླ་བ་ཡིན་ལྟ་བུ།
|
སྐོམ་དད་ (3)
| Part of speech
|
མིང་ཚིག
|
| Definition
|
ཐོར་བུའི་ནད་བཅུ་དགུའི་ནང་གསེས་ཤིག་སྟེ། གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས་པས་བད་ཀན་རླན་གཤེར་གྱི་ཆ་བསྐམས་ནས་སྐོམ་དད་ཆེ་བར་གྱུར་པའམ། ཡང་ན་ཟས་སྤྱོད་དབང་གིས་ཁོང་པའི་ནང་གི་ཚད་པ་གཅིག་ཏུ་བསྡུས་པས་མཁྲིས་ཚད་སྐྱེད་དེ་སྐོམ་དད་ཆེ་བའི་ནད་དུ་གྱུར་པ་ཞིག
|
| Domain
|
གསོ་རིག
|