94712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐོར་ (1)
Part of speech བྱ་ཚིག
Definition ཡུལ་ལུང་དང་རྒྱལ་ཁམས་སོགས་སུ་འཁྱམས་པའམ་འགྲོ་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྐོར།, རྒྱལ་ཁམས་བསྐོར་རྒྱུ་ཡིན་ན་ཤེས་ཡོན་སློབས།]
Present [སྐོར།, མི་ཡུལ་སྐོར་མཁན་གྱི་ལྡོམ་བུ་བ།]
Past [བསྐོར།, རྒྱལ་ཁམས་བསྐོར་ནས་བློ་སྐྱེད་བྱུང་།]
Imperative [སྐོར།, མིག་རྒྱ་བསྐྱེད་འདོད་ན་ས་མཐའ་སྐོར་ཅིག་ལྟ་བུ།]
སྐོར་ (2)
Part of speech བྱ་ཚིག
Definition དཀྱིལ་སྙིང་གཅིག་གི་མཐའ་འཁོར་དུ་ཡང་ཡང་འགྲོ་བའི་དོན།
Keyword True
Future [བསྐོར།, ལྷ་ཁང་བསྐོར་དུ་འགྲོ།]
Present [སྐོར།, ལྷ་ཁང་སྐོར་སྐབས་བསམ་ངན་མ་འཆང་།]
Past [བསྐོར།, ཇོ་ཁང་བསྐོར་ནས་ཇ་འཐུང་གིན་ཡོད།]
Imperative [སྐོར།, ཁོམ་པ་ཡོད་དུས་ལྷ་ཁང་སྐོར་ཅིག་ལྟ་བུ།]
སྐོར་ (3)
Part of speech བྱ་ཚིག
Definition ཁ་ཕྱོགས་བསྒྱུར་བའི་དོན།
Keyword True
Future [བསྐོར།, ཤིང་རྟའི་ཁ་ཕྱོགས་ཤར་ནུབ་གར་བསྐོར་ཁ་ལོ་པའི་ལག་པར་ཡོད།]
Present [སྐོར།, ཤིང་རྟ་ཁ་ཤར་དུ་སྐོར་སྐབས།]
Past [བསྐོར།, ཤིང་རྟའི་ཁ་ལོ་རང་ཕྱོགས་སུ་བསྐོར་བ།]
Imperative [སྐོར།, རྟ་ཁ་ཚུར་སྐོར་ཅིག་ལྟ་བུ།]
སྐོར་ (4)
Part of speech བྱ་ཚིག
Definition བསླུ་བྲིད་དམ་ཐབས་ཀྱིས་བཀྲི་བའི་དོན།
Keyword True
Future [བསྐོར།, མི་ངན་མགོ་བསྐོར་ན་བཟང་།]
Present [སྐོར།, མགོ་སྐོར་གཏོང་མཁན།]
Past [བསྐོར།, ཁྱི་ལྡོམ་ཁ་བསྐོར་ཟིན།]
Imperative [སྐོར།, ནུས་པ་ཡོད་ན་དགྲ་བོ་མགོ་སྐོར་ཅིག་ལྟ་བུ།]
སྐོར་ (1)
Part of speech རྒྱན་ཚིག
Definition ཅིག་ཅེས་པའི་ཕྲད་ཚིག་གི་སྔོན་ལ་སྦྱར་ན་ཚན་ཁག་གམ་འགའ་ཞིག་གི་དོན་ཏེ།
Example རྒྱ་གར་པ་སྐོར་ཅིག་སླེབས་སོང། བོད་པ་སྐོར་ཅིག་གིས་བཤད་ན་ལྟ་བུ།
སྐོར་ (1)
Part of speech མིང་ཚིག
Definition རིགས་གཅིག་པའམ་ཁོངས་གཏོགས་ཀྱི་དོན་ཏེ།
Example ཚད་མ་རིག་པའི་སྐོར། ལོ་རྒྱུས་ཀྱི་སྐོར་ནས་བཤད་ན་ལྟ་བུ།