94738
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་ཡན་ལག་བཅུ་གཉིས་ཞེས་ཀྱང་བརྗོད་དེ། སྒོའི་ཡན་ལག་དང། དམ་པའི་ཡན་ལག་དང། ངེས་པའི་ཡན་ལག་དང། བསམ་པའི་ཡན་ལག་དང། དམིགས་པའི་ཡན་ལག་དང་། བཟླས་པའི་ཡན་ལག་དང། སྦྱོར་བའི་ཡན་ལག་དང། སྤྱོད་པའི་ཡན་ལག་དང། ཐོབ་པའི་ཡན་ལག་དང། གནས་པའི་ཡན་ལག་དང། སའི་ཡན་ལག་དང། ལྟ་བའི་ཡན་ལག་བཅས་བཅུ་གཉིས་སོ། །སྤྱིར་ཐེག་རིམ་དགུ་དང་ཁྱད་པར་རྒྱུད་སྡེ་དྲུག་པོ་རང་རང་སྐབས་ཀྱི་སྤྱི་དོན་ཤེས་བྱེད་ཀྱི་ཡན་ལག་ལྟ་བུ་ཡིན་འདུག་ལ། མདོ་དགོངས་པ་འདུས་པར་དེ་བཅུ་གཉིས་པོར་གསང་བའི་སྒོ་དྲུག་འབྱེད་པའི་ལྡེ་མིག་བཅུ་གཉིས་སུ་བརྩིས་པ་དང་། རོགས་བརྩོན་འགྲུས་སེངྒེས་འདུས་མདོའི་ཁོག་དོན་རིན་ཆེན་སྒྲོན་མ་ལས་ཨ་ནུ་ཡོ་ག་ཁོ་ནའི་ཚུལ་ལ་སྦྱར་འདུག་གོ ། |
| Domain | ཆོས་ལུགས། |