94742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱ་ (1)
Part of speech མིང་ཚིག
Definition ཁང་པའི་རྩིག་པའམ་གཞིའི་དོན་ཏེ།
Example ཁང་པའི་ཕྱི་སྐྱ་རྡོ་རྩིག་ཡིན། ཁང་པའི་བར་སྐྱ་ཞེས་པ་ལྟ་བུ།
སྐྱ་ (2)
Part of speech མིང་ཚིག
Definition སྐྱ་བ་ཡི་མིང་མཐའ་བསྡུས་པ།
སྐྱ་ (3)
Part of speech མིང་ཚིག
Definition ལོ་ཏོག་དང་བཟའ་བཏུང༌སྟེ།
Example ལོ་ལེགས་སྐྱ་རྒྱལ་བ་ལྟ་བུ།
Type བརྡ་རྙིང་།
སྐྱ་ (4)
Part of speech མིང་ཚིག
Definition ཞང་སྐད། རྗེའི་མིང་།
སྐྱ་ (5)
Part of speech མིང་ཚིག
Definition སྣང་བ།
སྐྱ་ (1)
Part of speech བྱ་ཚིག
Definition འབྲོག་པའི་རུ་སོགས་གནས་གཞན་དུ་སྤོར་བའི་དོན།
Type བརྡ་རྙིང་།
Transitive བྱ་བྱེད་ཐ་དད་པ།
Future [བསྐྱ།, འབྲོག་པ་དག་གི་དུས་ལྟར་མཚེར་བསྐྱ་དགོས།]
Present [སྐྱ།, རུ་སྐྱ་བྱེད་ཀྱི་ཁལ་མ།]
Past [བསྐྱས།, རུ་སྡེ་ཡོངས་བསྐྱས་ཟིན།]
Imperative [སྐྱོས།, རྩྭ་མེད་ས་ནས་རུ་སྐྱོས་ཤིག་ལྟ་བུ།]
སྐྱ་ (1)
Part of speech རྒྱན་ཚིག
Definition སྐྱ་བོ་ཡི་མིང་མཐའ་བསྡུས་པ།