94782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱ་བོ་ (1)
Part of speech རྒྱན་ཚིག
Definition དཀར་པོའི་ནང་དུ་ནག་པོ་ཅུང་ཟད་བསྲེས་པའི་མདོག་སྟེ། ཐལ་མདོག་ལྟ་བུ།
Example རས་སྐྱ་བོ། དོར་མ་སྐྱ་བོ། ཚོན་སྐྱ་བོ། གོས་ཆེན་སྐྱ་བོ་ལྟ་བུ།
སྐྱ་བོ་ (2)
Part of speech རྒྱན་ཚིག
Definition སྣུམ་རིགས་མེད་པའམ་ཉུང་ཞིང་བཅུད་མེད་པའི་དོན།
Example ཟས་རིགས་སྐྱ་བོ་བཟས་ནས་བསྡད། ཟས་སྐྱ་བོས་ལྟོ་མི་རྒྱག ཁ་སྟོང་བས་དོན་མི་འགྲུབ་ལྟ་བུ།
སྐྱ་བོ་ (3)
Part of speech རྒྱན་ཚིག
Definition རྩི་ཤིང་སོགས་མེད་ཅིང་ས་སྐམ་ཆུ་སྐམ་གྱི་གནས།
Example ས་སྐྱ་བོ། ལུང་པ་སྐྱ་བོ་ལྟ་བུ།
སྐྱ་བོ་ (1)
Part of speech མིང་ཚིག
Definition རབ་བྱུང་ངམ་བཙུན་པ་མ་ཡིན་པའི་ཁྱིམ་པ་ཕོ་མོ།
Example རབ་བྱུང་གི་སྡེ་དང་སྐྱ་བོའི་སྡེ། དེ་སྐྱ་བོའི་ལས་ཀ་རེད་ལྟ་བུ།
སྐྱ་བོ་ (2)
Part of speech མིང་ཚིག
Definition རབ་བྱུང་མ་ཡིན་པའི་སྐྱེས་པ་ཕོ།
Example སྐྱ་བོ་དང་བུད་མེད། སྐྱ་བོ་ཚང་མ་དམག་ལ་ཆས་པ་ལྟ་བུ།