94935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱི་ (1)
Part of speech བྱ་ཚིག
Definition ཁེ་སྐྱེད་ཡོད་མེད་ཅི་རིགས་ཀྱི་དངུལ་དངོས་ཕན་ཚུན་ལ་གཡར་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྐྱི།, ཨུ་ཐུག་ན་གྲོགས་པོ་ལ་དངུལ་བསྐྱི་རྒྱུ་ལས་ཐབས་མེད།]
Present [སྐྱི།, དངུལ་སྐྱི་བའི་སྐབས་ཡིག་ཆ་འཇོག་པ།]
Past [བསྐྱིས།, སྒོར་མོ་བསྐྱིས་ནས་ཚོང་ཁང་ལ་སོང་།]
Imperative [སྐྱིས།, ང་ལ་སྒོར་མོ་འགའ་སྐྱིས་དང་མགྱོགས་པོ་སྤྲད་ཡོང་ལྟ་བུ།]
སྐྱི་ (1)
Part of speech མིང་ཚིག
Definition སྐྱི་མོ་ཡི་བསྡུས་མིང།
Example སྐྱི་སེར། སྐྱི་ནག སྐྱི་དཀར། སྐྱི་ཤ་ལྟ་བུ།
སྐྱི་ (2)
Part of speech མིང་ཚིག
Definition སྐྱི་བ་ཞེས་པའི་སྐྱེ་དངོས་རིགས་ཀྱི་ཤིང་སྨན་ཞིག་ཡིན་པས་དེར་ལྟོས།
སྐྱི་ (3)
Part of speech མིང་ཚིག
Definition བོད་ཀྱི་རུས་ཤིག་སྟེ།
Example དེབ་སྔོན་ལས་སྐྱི་རྒྱལ་བའི་གཙུག་ཏོར་ལས་དབུ་ཚད་ཀྱི་བསྟན་བཅོས་གསན་ཞེས་གསུངས་པ་ལྟ་བུ།