95097
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གཞན་དོན་དུ་སྐྱེ་བའི་སངས་རྒྱས་རིག་འཛིན་བྱང་སེམས་དག་མི་དམིགས་པའི་ཤེས་རབ་དང་ལྡན་ཕྱིར་མངལ་དུ་སྐྱེ་བ་ཤེས་བཞིན་འཇུག་པ་དང་གནས་པ་དང་ཕྱི་རོལ་དུ་སྐྱེ་བའོ། །རང་དོན་དུ་སྐྱེ་བའི་འཕགས་པ་ཉན་རང་ཉོན་མོངས་རགས་པ་སྤངས་བས་མངལ་དུ་ཤེས་བཞིན་འཇུག་པ་དང་གནས་པ་ཡིན་ཀྱང་མི་དམིགས་པའི་ཤེས་རབ་མེད་ཕྱིར་ཕྱི་རོལ་དུ་སྐྱེ་བ་མི་ཤེས་སོ། །ལྷ་མི་སྟོད་རིམ་རྣམས་དང་འཁོར་སྒྱུར་རྒྱལ་པོ་སོགས་རྣམ་དཀར་ལས་ཆེར་སྤྱད་ཅིང་དབང་པོ་དྭངས་པས་འཇུག་པ་ཤེས་ཀྱང་གདོས་པས་བཟུང་ཕྱིར་གནས་པ་དང་ཕྱིེར་སྐྱེ་བ་མི་ཤེས་སོ། །སེམས་ཅན་ལྷ་མི་ཕལ་པ་དག་ལས་ཀྱིས་བསྒྲིབས་ཤིང་རྙོགས་པས་མི་ཤེས་བཞིན་མངལ་དུ་འཇུག་པ་དང་གནས་པ་དང་ཕྱིར་སྐྱེས་པའོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེ་གནས་སུ་འཇུག་པའི་ཆོས་བཞི་
|; |@@@ | | }}