95104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་དགུ་མངའ་བདག་བཅུ་གསུམ་ (1)
Part of speech མིང་ཚིག
Definition བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་སྐོར་ཞིག་སྟེ། རྣམ་པར་རྒྱལ་བའི་མཆོད་བསྐངས་ལས། སྐྱེ་དགུ་མངའ་བདག་བཅུ་གསུམ་ཡང་། །ཞེས་སོ། །བཅུ་གསུམ་ནི། དཔལ་མགོན་ཡིད་བཞིན་རྒྱལ་བ། ཕྱྭ་རྗེ་ཡབ་ལྷ་བདལ་དྲུག། ཀླུ་ཆེན་རྒྱལ་བ་བྱིན་ཆགས། བདུད་ཆེན་རྗེ་བོ་རྨང་ཁུག རྒྱལ་པོ་ཉི་པང་སད་ཝེར། དམུ་རྗེ་བཙུན་ཐོག་རྐྱོལ་པོ། བཙན་རྒོད་ས་བཙན་ཏིང་རུམ། བགེགས་ཆེན་དྲག་གཏུམ་རྒྱལ་པོ། གཤེན་ཆེན་ཨ་བ་གླང་མགོ དཔྱིད་ཀྱི་རྒྱལ་པོ་མོ་ཐུགས་རྗེས་གཡོ་བྱེད། དབྱར་གྱི་རྒྱལ་མོ་མངོན་རྟོགས་ལྷུན་གྲུབ། སྟོན་གྱི་རྒྱལ་མོ་རྒྱ་ཆེ་རྣམ་འཕེལ་མ། རྒུན་གྱི་རྒྱལ་མོ་དབང་བསྒྱུར་རྒྱས་འདེབས་མ་དང་བཅས་ཡིན། དེ་དག་གི་སྐུ་མདོག་དང་ཕྱག་མཚན་ནི་རྣམ་རྒྱལ་མཆོད་གཞུང་ན་གསལ་བས་དེར་གཟིགས།
Domain ཆོས་ལུགས།

{{#arraymap:སྐྱེ་དགུ་མངའ་བདག་བཅུ་གསུམ་

|; |@@@ | | }}