95151
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐ་མལ་བ་ལ་སྐྱེ་བ་རང་ག་བ་འོང་བའི་དོད་ལ་ལམ་འདིའི་སྒྲུབ་པ་པོ་ལ་མངོན་བྱང་ལྔ་ལས་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་ཚུལ་ཞིག་བློ་ངོར་འཆར་བས་ན་དེ་ལྟར་དུ་བརྗོད་པ་ཡིན་ནོ། །དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་ཆོ་གའི་རིམ་པ་འདི་རྣམས་ནི་ཟིལ་གནོན་རྡོ་རྗེའི་གཞུང་ཡིག་དོན་ཁ་བསྐངས་ནས་བཤད་པས་བསྟན་པ་ཡིན་ནོ། །མཚན་ཉིད་ནི། རང་འདྲའི་རྫོགས་རིམ་སྒྱུ་མའི་སྐུ་གཉིས་རགས་པའི་སྤྲུལ་སྐུ་འཛིན་པའི་རྒྱུད་སྨིན་བྱེད་གང་ཞིག མ་འོངས་པ་ན་ལེན་རྒྱུ་སྐྱེ་བ་དང་རྣམ་པ་མཐུན་པར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་རྣམ་འབྲས་བུ་རྡོ་རྗེ་འཛིན་པའི་ལྷའི་སྐུར་བཞེངས་པར་བློས་བརྟགས་ནས་བསྒོམ་པའི་རིམ་པ་དང་པོའི་རྣལ་འབྱོར་དེ། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་གྱི་མཚན་ཉིད་ཡིན་ནོ། །སྒྲ་བཤད་ཀྱང་ཡོད་དེ། བར་དོ་བ་དེས་བར་དོའི་ལུས་རྟེན་ཙམ་ལ་གནས་མི་ནུས་པར་རགས་པའི་ལུས་སུ་སྐྱེ་བ་ཐ་མལ་བ་ལེན་པའི་ཚབ་ལ་བསྒོམ་སྟོབས་ཀྱིས་སྒྱུ་ལུས་པ་རགས་པའི་ལུས་རྟེན་འཛིན་པར་བྱེད་ལ། དེ་བཞིན་དུ་ལོངས་སྐུས་ཀྱང་ས་མ་ཐོབ་པ་རྣམས་ཀྱི་དོན་མཛད་པ་ལ་སྤྲུལ་བའི་སྐུ་ཞིག་ངེས་པར་བསྟན་ཡོང་བས་དེ་འདྲའི་སྤྲུལ་སྐུ་དེ་ཉིད་ད་ལྟ་ནས་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམ་པའི་རྣལ་འབྱོར་ཡིན་པས་ན་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་
|; |@@@ | | }}