95156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། སྙིང་ནོར་མིག་འབྲས་ཟབ་མོའི་གཏེར༔ བསམ་ཡས་དབུ་རྩེའི་ཁྲི་ལ་སྦས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་ཕྲད་ནས་ཀྱང༔ འགྲོ་ཀུན་འཁོར་བ་དོངས་སྤྲུགས་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་བསམ་ཡས་དབུ་རྩེའི་ཁྲི་ནས་བཏོན་པའོ། །འདིའི་ནང་དོན་ལ། གཞན་དོན་དུ་དབང་བསྐུར་བ་སོགས་སྤྱི་དོན་རྣམ་པ་བཞིའི་སྒོ་ནས་སྐྱེ་བདུན་བསྒྲུབ་པའི་ཐབས་ཨོ་རྒྱན་པདྨའི་མན་ངག་ཟབ་མོ་དྲིལ་བའི་དོན་བསྡུས་པའི་སྒོ་ནས་བསྟན་ནོ། །

{{#arraymap:སྐྱེ་བདུན་སྒྲུབ་ཐབས་བསམ་ཡས་མ་

|; |@@@ | | }}