95168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བའི་རབ་ཏུ་དབྱེ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ཁམས་ཀྱི་རབ་ཏུ་དབྱེ་བ་ནི། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བའོ། ། ༢ འགྲོ་བའི་རབ་ཏུ་དབྱེ་བ་ནི། འགྲོ་བ་ལྔ་པོ་དག་ཏུ་སྐྱེ་བ་རྣམས་སོ། ། ༣ གནས་གཞན་གྱི་རབ་ཏུ་དབྱེ་བ་ནི། འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད། གཟུགས་མེད་པའི་ཁམས་ན་གནས་གཞན་བཞི་པོ་དག་ཏུ་སྐྱ་བ་སྟེ། དེ་དག་ཏུ་བསྡོམས་ན་སྐྱེ་བ་ལྔ་བཅུ་རྩ་བརྒྱད་དུ་འགྱུར་རོ། ། ༤ རིགས་ཀྱི་རབ་ཏུ་དབྱེ་བ་ནི། འདོད་པའི་ཁམས་ཀྱི་མི་རྣམས་ཀྱི་ནང་དུ་རིགས་ངན་པར་སྐྱེ་བ་སྟེ། ཁ་ཅིག་གདོལ་པའི་རིགས་སམ། གཡུང་པོའི་རིགས་དང་། མ་རབས་དང་། འཚོ་བ་ངན་པ་སོགས་སུ་སྐྱེ་བ་དེ་དག་ནི་སྐལ་པ་མེད་པའི་མི་ཞེས་བྱའོ། །རིགས་བཙུན་པར་སྐྱེ་བ་ནི། ཁ་ཅིག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་སོགས་དང་། ཕྱུག་པོ་དང༌། ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེ་བ་དེ་དག་ནི་སྐལ་པ་དང་ལྡན་པའི་མི་ཞེས་བྱ་བའོ། །རིགས་ངན་པ་ཡང་མ་ཡིན་རིགས་བཙུན་པ་ཡང་མ་ཡིན་པར་སྐྱེ་བ་ནི་བར་མའི་མི་རྣམས་སུ་སྐྱེ་བ་ལྟ་བུའོ། །ཡང་ན་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་དང་གཟུགས་མེད་པའི་ལྷ་སོགས་ཀྱི་ནང་དུ་སྐྱེ་བ་ལྟ་བུའོ། ། ༥ འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན། སེམས་ཅན་ཚད་མེད་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པར་རིག་པར་བྱའོ། །
Domain ཆོས་ལུགས།

{{#arraymap:སྐྱེ་བའི་རབ་ཏུ་དབྱེ་བ་རྣམ་པ་ལྔ་

|; |@@@ | | }}