95187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་བོ་གསོ་ཐིག་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་ནང་པའི་སློབ་དཔོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤིག་གི་མཚན། རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་དཀར་ཆག་ལྡན་དཀར་མར་མི་གསལ་ཡང། བུ་སྟོན་ཆོས་འབྱུང་གི་ནང་དཀར་ཆག་འགོད་གནང་མཛད་འདུག འདིའི་ནང་དོན་ནི་རྒྱལ་བློན་འབངས་དང་བཅས་པས་སྤྱི་ཚོགས་ཀྱི་ནང་ལས་དོན་སྒྲུབ་ཚུལ་དང༌། གནད་དོན་ལ་བསམ་བློ་གཏོང་སྟངས་སོགས་དཔེ་དོན་གཉིས་ཀའི་ཐོག་ནས་གསུངས་ཡོད།

{{#arraymap:སྐྱེ་བོ་གསོ་ཐིག་

|; |@@@ | | }}