9522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟའི་རྫོང་ལུགས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་རྩིས་ཀྱི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། བག་མ་སུ་ཞིག་གནས་ལ་འགྲོ་ཉིན་དེར་ཤར་བའི་རེས་གཟའ་གང་ཡིན་ལ་གཞིགས་ནས་རྫོང་ལམ་ཡོད་མེད་ལ་བརྟགས་ཏེ་རྫོངས་པ་ལ་ཟེར་བ་ཡིན། དེ་ཡང་སྤྱིར་རེས་གཟའ་ཉི་མ་དང་། མིག་དམར། གཟའི་གནམ་ཁྱི། བག་ལོའི་སྲོག་གི་དགྲ་གཟའ། སོ་སོའི་སྐྱེས་གཟའ་བཅས་ཀྱི་སྟེང་དུ་བག་མ་གཏོང་ལེན་བྱས་ན་ངན་པས་རྫོང་ལམ་མེད་ལ། རེས་གཟའ་སྤེན་པར་བག་མ་བརྫངས་ན་འཆི་བས་དེའི་སྟེང་དུ་ཡང་རྫོང་ལམ་མེད་པ་ཡིན། རེས་གཟའ་པ་སངས་དང་། ཕུར་བུ། བླ་གཟའ། སོ་སོའི་སྲོག་གི་མ་གཟའ་བཅས་ཀྱི་སྟེང་དུ་བག་མ་གཏོང་ལེན་བྱས་ན་བཟང་བས་རྫོང་ལམ་ཡོད་ལ། གཟའ་ཟླ་བར་བག་མ་བརྫངས་ན་རྐྱེན་ངན་མེད་པས་དེའི་སྟེང་དུ་ཡང་རྫོང་ལམ་ཡོད་པ་ཡིན། དེ་མིན་བརྩི་བྱའི་ལོ་རྟགས་གང་ཡིན་ལ་བརྟེན་པའི་རྫོང་གཟའི་བཟང་ངན་ནི་བག་ལོ་བྱི་བ་ཡིན་ན་གཟའ་ལྷག་པ་བཟང་ཞིང་སྤེན་པ་ངན། གླང་ཡིན་ན་གཟའ་སྤེན་པ་བཟང་ཞིང་ཕུར་བུ་ངན། སྟག་ཡིན་ན་གཟའ་ཕུར་བུ་བཟང་ཞིང་པ་སངས་ངན། ཡོས་ཡིན་ན་གཟའ་ཕུར་བུ་བཟང་ཞིང་པ་སངས་ངན། འབྲུག་ཡིན་ན་གཟའ་ཉི་མ་བཟང་ཞིང་ ཕུར་བུ་ངན། སྦྲུལ་ཡིན་ན་གཟའ་མིག་དམར་བཟང་ཞིང་ལྷག་པ་ངན། རྟ་ཡིན་ན་གཟའ་མིག་དམར་བཟང་ཞིང་ལྷག་པ་ངན། ལུག་ཡིན་ན་གཟའ་པ་སངས་བཟང་ཞིང་ཕུར་བུ་ངན། སྤྲེལ་ཡིན་ན་གཟའ་པ་སངས་བཟང་ཞིང་མིག་དམར་ངན། བྱ་ཡིན་ན་གཟའ་པ་སངས་བཟང་ཞིང་མིག་དམར་ངན། ཁྱི་ཡིན་ན་གཟའ་ཟླ་བ་བཟང་ཞིང་ཕུར་བུ་ངན། ཕག་ཡིན་ན་གཟའ་ལྷག་པ་བཟང་ཞིང་སྤེན་པ་ངན། བོད་ཀྱི་འབྱུང་རྩིས་རྣམ་གཞག་དུ་རྫོང་གཟའ་བཟང་ངན་གྱི་དབྱེ་བ་ནི་འདི་ཉིད་གཅེས་ཤིང་གཙོ་བོར་འཛིན་དགོས་པར་གསུངས་འདུག སྤྱིར་ལྷག་པ་ནི་བག་མ་གཏོང་ལེན་བྱེད་པ་ངན་པའི་གཟའི་གནམ་ཁྱི་ཡིན་ཡང་སྐབས་འདིར་བརྩི་བྱ་བྱེ་བྲག་པར་དམིགས་བསལ་ཡིན་པར་འདོད།
Domain རྩིས་རིག

{{#arraymap:གཟའི་རྫོང་ལུགས་

|; |@@@ | | }}