95237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེ་འཆི་བར་དོ་ (1)
Part of speech མིང་ཚིག
Definition སྐྱེ་འཆི་བར་དོ་དེ་ལ། སྐྱེ་སྲིད་དང་འཆི་སྲིད་གཉིས་ལས། སྐྱེ་སྲིད་ནི་སྐྱེ་གནས་བཞི་པོ་གང་རུང་དུ་སྐྱེ་བ་ལེན་པའི་འགོ་བརྩམས་པ་ནས་བཟུང་སྟེ། སྐྱེས་པའི་ལུས་དེ་ཉིད་འཆི་བ་ལ་མངོན་དུ་ཕྱོགས་པའི་བར་ཡིན་ཅིང་། འཆི་སྲིད་ནི། འབྱུང་བ་རིམ་བསྡུད་ཀྱི་དབང་དུ་བྱས་ན། ས་ཆུ་ལ་ཐིམ་པ་ནས་རྣམ་པར་ཤེས་པ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་བར་ལ་ཟེར་བ་ཡིན་པས། འོད་གསལ་དེའི་སྐབས་སུ། སྔར་ལམ་བསྒོམས་པའི་ཉམས་མྱོང་ཡོད་ན། གཞི་དུས་ཀྱི་འོད་གསལ་དེ་ངོས་ཟིན་པར་བྱས་ནས། དེ་དང་དབྱེར་མེད་དུ་བསྲེས་ཏེ་བསྒོམས་པས་འོད་གསལ་མ་བུ་ངོ་འཕྲོད་ནས་ལམ་སྣ་ཟིན་པ་སོགས་འབྱུང་བས་དེ་རྣམས་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེ་འཆི་བར་དོ་

|; |@@@ | | }}