95286
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གཙོ་འཁོར་ཚུལ་དུ་བཞུགས་པའི་ཞི་ལྷ་ལྔའི་ས་བོན་གྱི་ཡིག་འབྲུ་ལྔ་སྟེ། ཧཱུྃ། ད། ཐ། ན། ཏ་དང་ལྔའོ། དེ་དག་ནི་རིམ་པ་བཞིན་དུ། བ་རབ་གླིང་བཞི། དབྱར་གྱི་ལྷ་མོ། ཐང་མ་མེ་སྒྲོན། སྨན་གྱི་ལྷ་མོའམ་རོ་ཡི་ལྷ་མོ། གཙང་མའི་ལྷ་མོ་དང་ལྔའི་སྐྱེད་བྱེད་ཀྱི་ས་བོན་ཡིན་ནོ། །སྐྱེད་ཚུལ་ནི། དཀྱིལ་འཁོར་ལྷོ་ཤར་གྱི་དབུས་ཀྱི་ལྟེ་བ་དང་། དེའི་ནུབ། ལྷོ། ཤར། བྱང་གི་པད་མ་རྣམས་ལ་རིམ་བཞིན་དུ། ལྷ་ལྔ་གཙོ་འཁོར་དེ་རྣམས་ས་བོན་ཡིག་འབྲུ་དེ་ལྔ་ལས་གསལ་ལ་མདངས་ཆགས་པར་བསྐྱེད། ཅེས་གསུངས་སོ། །དགོས་པ་ནི། གཞུང་ལས། སེམས་ཅན་སྒྲིབ་པ་དག་ཕྱིར་བདག་གིས་གསལ་བར་བསྐྱེད། །ཅེས་པ་ལྟར་རོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེད་བྱེད་ཀྱི་ཡིག་འབྲུ་ལྔ་
|; |@@@ | | }}