95326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེལ་ (1)
Part of speech བྱ་ཚིག
Definition ལམ་གྱི་འཇིགས་སྣང་དང་ཉེན་ཁ་ལས་བསྐྱབས་ཤིང་བདེ་བའི་གནས་སུ་འཇོག་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Antonyms བསུ།
Future [བསྐྱལ།, རང་ལ་ཡིད་གཏད་བྱེད་པའི་མགྲོན་པོ་རྣམས་བདེ་བར་བསྐྱལ་དགོས།]
Present [སྐྱེལ།, འཇིགས་པའི་གནས་སུ་སྐྱེལ་མཁན་དཔའ་བོ་ལ་བསྟེན།]
Past [བསྐྱལ།, ཚོང་པ་དག་བདེ་བར་བསྐྱལ་ཟིན།]
Imperative [སྐྱོལ།, གྲོགས་པོ་དག་བདེ་བ་སྐྱོལ་ཅིག་ལྟ་བུ།]

{{#arraymap:སྐྱེལ་

|; |@@@ | | }}

སྐྱེལ་ (2)
Part of speech བྱ་ཚིག
Definition འཕྲིན་དང་ཅ་ལག་དགོས་པའི་གནས་སུ་འཇོག་པའི་དོན།
Keyword True
Future [བསྐྱལ།, ཉིན་གསུམ་གྱི་རྗེས་སུ་འཕྲིན་བཟང་བསྐྱལ་རྒྱུ།]
Present [སྐྱེལ།, འཕྲིན་སྐྱེལ་མཁན་གྱི་ཕོ་ཉ།]
Past [བསྐྱལ།, འཕྲིན་ཡིག་ས་གནས་སུ་བསྐྱལ་ཟིན།]
Imperative [སྐྱོལ།, གནས་ཚུལ་གྱི་འཕྲིན་ཡིག་དཔོན་པོ་ལ་སྐྱོལ་ཅིག་ལྟ་བུ།]

{{#arraymap:སྐྱེལ་

|; |@@@ | | }}

སྐྱེལ་ (3)
Part of speech བྱ་ཚིག
Definition བྱེད་པའམ་ལག་ལེན་དུ་བསྟར་བའི་དོན།
Future [བསྐྱལ།, དགྲ་ལ་གནོད་ལན་བསྐྱལ་རྒྱུའི་གྲ་སྒྲིག་ཡོད།]
Present [སྐྱེལ།, རང་གཞན་ལ་གནོད་སྐྱེལ་བཞིན་འཚོ་ན་ཡང་སྐྱིད་པོ་མེད།]
Past [བསྐྱལ།, གནོད་པ་བསྐྱལ་རྗེས་འགྱོད་པ་སྐྱེས།]
Imperative [སྐྱོལ།, བདེན་པ་ཡིན་ན་མནའ་སྐྱོལ་ཅིག་ལྟ་བུ།]

{{#arraymap:སྐྱེལ་

|; |@@@ | | }}

སྐྱེལ་ (4)
Part of speech བྱ་ཚིག
Definition ཡོལ་བར་བྱེད་པའམ་ཟད་པའི་དོན།
Future [བསྐྱལ།, ད་ནས་བཟུང་དོན་མེད་དུ་ཉི་མ་བསྐྱལ་རྒྱུ་མིན།]
Present [སྐྱེལ།, རྣམ་གཡེང་གིས་མི་ཚེ་སྐྱེལ་བཞིན་པ་ཤེས་སམ།]
Past [བསྐྱལ།, གལ་ཆེན་གྱི་དུས་ཚོད་ངག་ཀྱལ་ལ་བསྐྱལ་བ་ཤིན་ཏུ་འགྱོད།]
Imperative [སྐྱོལ།, མི་ཚེ་དོན་མེད་དུ་མ་སྐྱེལ།]

{{#arraymap:སྐྱེལ་

|; |@@@ | | }}