95351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་ཐོབ་ཀྱི་ཕ་རོལ་སེམས་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྒོམས་སྟོབས་ཀྱིས་མིན་པར་སྐྱེས་སྟོབས་ཀྱིས་ཐོབ་པའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཏེ། ཕ་རོལ་སེམས་ཤེས་དངོས་ནི་མིན་ལ། དེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ག་ཡོད་དོ། །དཔེར་ན་དམྱལ་བར་སྐྱེས་ནས་ཚོར་བ་སྡུག་བསྔལ་གྱིས་མ་ཉེན་པའི་སྐབས་ཀྱི་ཕ་རོལ་སེམས་ཤེས་ལྟ་བུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཕ་རོལ་སེམས་ཤེས་ཀྱང་སྒོམ་བྱུང་ཡིན་ལ་དེ་རྗེས་མཐུན་པ་ལ་ནི་སྐྱེས་ཐོབ་དང༌། ལས་དང༌། རིག་སྔགས་དང༌། རྟོག་གེས་བྱས་པ་རྣམས་ཡོད་ཀྱི། སྨན་ལས་བྱུང་བ་ནི་མེད་ཅིང༌། ཞེས་དང་། མཛོད་རྩ་བ་ལས། སེམས་ཤེས་དེ་ནི་རྣམ་གསུམ་གང་། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྐྱེས་ཐོབ་ཀྱི་ཕ་རོལ་སེམས་ཤེས་

|; |@@@ | | }}