95357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་ཐོབ་ཀྱི་སྔོན་གནས་རྗེས་དྲན་གྱིི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྒོམས་སྟོབས་ཀྱིས་མིན་པར་སྐྱེས་སྟོབས་ཀྱིས་ཐོབ་པའི་སྔོན་གནས་རྗེས་དྲན་གྱིི་མངོན་ཤེས་ཏེ། དེ་སྔོན་གནས་རྗེས་དྲན་གྱིི་མངོན་ཤེས་དངོས་ནི་མིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། སྔོན་གནས་རྗེས་དྲན་ནི་སྒོམ་བྱུང་དང་། དེ་རྗེས་མཐུན་པ་ལ་སྐྱེས་ཐོབ་དང༌། ལས་ལས་སྐྱེས་པ་གཉིས་ཡོད་ཀྱི། སྨན་དང་སྔགས་དང་རྟོག་གེས་བྱས་པ་ནི་མེད་དོ། །ཡང་སྐྱེས་ཐོབ་སོགས་ཀྱི་ཕ་རོལ་སེམས་ཤེས་དང་སྔོན་གནས་རྗེས་དྲན་དེ་དག་མངོན་ཤེས་ཡིན་པར་ཐལ། དང་པོས་ཕ་རོལ་གྱི་སེམས་ཤེས་པའི་ཕྱིར་དང༌། ཕྱི་མས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཕྱིར་ཟེར་ན་མ་ཁྱབ་ཅེས་བྱ་དགོས་སོ། །ཞེས་དང་། དེར་མ་ཟད་སྲིད་མཐའ་བྱང་སེམས་ཆགས་བཅས་པ་སོགས་གང་ཟག་ཁྱད་པར་ཅན་འགའ་ཞིག་གི་རྒྱུད་ལ་ཡང་སྔོན་གནས་རྗེས་དྲན་སོགས་ཡོད་པར་མངོན་ཞིང༌། དེ་དག་འདིར་བཤད་པའི་སྦྱོར་བྱུང་གི་མངོན་ཤེས་དེ་དང་དེ་དངོས་མིན་ཀྱང་རྗེས་མཐུན་པར་ནི་འཇོག་དགོས་ཏེ། དེ་དག་མེད་པར་འདོད་ན་མངོན་སུམ་ལ་སྐུར་འདེབས་སུ་འགྱུར་བའི་ཕྱིར་དང༌། སྐྱེས་ཐོབ་ཀྱི་མངོན་ཤེས་སོགས་སུའང་འདོད་མི་རིགས་ཏེ། མི་ལ་སྐྱེས་ཐོབ་ཀྱི་མངོན་ཤེས་སོགས་མེད་པར་རྩ་འགྲེལ་ལས་དངོས་སུ་བཤད་པ་རྣམས་དང་འགལ་བའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྐྱེས་ཐོབ་ཀྱི་སྔོན་གནས་རྗེས་དྲན་གྱིི་མངོན་ཤེས་

|; |@@@ | | }}