95358
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། བསྒོམས་སྟོབས་ཀྱིས་མིན་པར་སྐྱེས་སྟོབས་ཀྱིས་ཐོབ་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་སྤྲུལ་པ་སྟེ། དེ་ལ་ནི་སྒྲ་མ་གཏོགས་པའི་གཟུགས་ཅན་གྱི་སྐྱེ་མཆེད་དགུ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱང་བྱུང་བའི་ཕྱིར་ཏེ། མཆིམས་མཛོད་ལས། ལྷ་ཀླུ་ལ་སོགས་པ་དེ་དག་གིས་བྱས་པའི་སྤྲུལ་པ་རང་དང་གཞན་གྱི་རྒྱུད་དང་འབྲེལ་བ་ནི་སྒྲ་མ་གཏོགས་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཐམས་ཅད་ཡིན་པའི་ཕྱིར་སྐྱེ་མཆེད་དགུ་པ་ཡིན་ནོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། ཡང་ཁོ་ན་རེ། སྐྱེས་ཐོབ་ཀྱི་སྤྲུལ་སེམས་ཀྱིས་ཆོས་ཀྱི་སྐྱེ་མཆེད་ཀྱང་སྤྲུལ་པ་ཡོད་པར་ཐལ། དེས་གང་ཟག་གཞན་དུ་སྤྲུལ་པ་ཡོད་པའི་ཕྱིར་ཟེར་ན། འདོད་པ་ཡིན་ཏེ། སྐྱེས་ཐོབ་ཀྱི་སྤྲུལ་སེམས་ཀྱིས་གང་ཟག་རང་ཉིད་གཞན་དུ་སྤྲུལ་པ་ཡོད་པ་གང་ཞིག ། རང་ཉིད་སྐྱེ་མཆེད་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་རོ། །དེ་ཡོད་པར་གང་གིས་འགྲུབ་ན་སྐྱེས་ཐོབ་ཀྱི་སྤྲུལ་པ་སེམས་བཅས་སུ་བཤད་པའི་ལུང་རིགས་རྣམས་ཀྱིས་འགྲུབ་བོ། །ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། སྐྱེས་ཐོབ་ཀྱི་རྫུ་འཕྲུལ་དང་། སྐྱེས་ཐོབ་ཀྱི་སྤྲུལ་པའོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱེས་ཐོབ་ཀྱི་སྤྲུལ་པ་
|; |@@@ | | }}