95379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་པ་རབས་ཀྱི་གླེང་གཞི་གསུམ་ (1)
Part of speech མིང་ཚིག
Definition ༡ རིང་བའི་གླེང་གཞི་ནི། མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་འདིར་སེམས་དཔའ་ཆེན་པོས་སྨོན་ལམ་བཏབ་བོ། །ཇི་སྲིད་ཐམས་ཅད་སྒྲོལ་གྱི་ལུས་སྤངས་པའི་བར་དང་། དགའ་ལྡན་གྱི་གནས་སུ་འཁྲུངས་པའི་ཆོས་ཀྱི་གཏམ་གྱི་བར་གྱི་ལམ་ནི་རིང་པོའི་གླེང་གཞི་ཞེས་བྱའོ། ། ༢ བར་པའི་གླེང་གཞི་ནི། ཇི་སྲིད་དགའ་ལྡན་གྱི་གནས་ནས་འཕོས་ནས་བྱང་ཆུབ་ཀྱི་སྙིང་པོར་ཐམས་ཅད་མཁྱེན་པ་ཐོབ་ནས་ཆོས་ཀྱི་གཏམ་གྱི་བར་ནི་གླེང་གཞི་བར་པ་ཞེས་བྱའོ། ། ༣ ཉེ་བའི་གླེང་གཞི་ནི། གང་དང་གང་དུ་བཞུགས་ནས། དེ་དང་དེ་ཐོབ་པ་རྣམས་ནི་ཉེ་བའི་གླེང་གཞི་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:སྐྱེས་པ་རབས་ཀྱི་གླེང་གཞི་གསུམ་

|; |@@@ | | }}