95440

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་བུ་བྱེད་འབྲས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྐྱེས་བུ་བྱེད་འབྲས་ཀྱི་མཚན་ཉིད་ནི་རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེ་བ་ན་རྒྱུ་དེ་ལས་གཅིག་ཅར་རམ་དེ་མ་ཐག་ཏུ་འབྱུང་བའོ། །མཚན་གཞི་ནི་རྒྱུ་ལས་དེ་ལྟར་འབྱུང་བའི་འདུས་བྱས་ཐམས་ཅད་དོ། །ཐོབ་པའི་སྐྱེས་བུ་བྱེད་འབྲས་ནི་བརྟགས་འགོག་མཚན་གཞི། མཚན་ཉིད་འབྲས་བུ་གང་ཞིག་སོ་སོར་བརྟགས་པའི་སྟོབས་ཀྱི་ཐོབ་པར་བྱ་བའི་འགོག་པའོ། །སྒྲ་དོན་ནི་འབྲས་བུ་དེ་སྐྱེས་བུའི་བྱེད་པ་ལས་སྐྱེས་པ་དང་འདྲ་བར་རྒྱུ་ཡིས་དབང་བྱས་ཏེ་བྱུང་བས་ན་སྐྱེས་བུ་བྱེད་འབྲས་ཏེ། སྨན་བྱ་རོག་རྐང་ངམ་མི་གླང་པོ་ཆེ་མྱོས་པས་ཞེས་པ་བཞིན་ནོ། །འོ་ན་ཆོས་དེའི་རྒྱུ་མཐུན་འབྲས་བུ་ཡིན་པ་དེ་ཆོས་དེའི་སྐྱེས་བུ་བྱེད་འབྲས་ཀྱང་ཡིན་ནམ་ཞེ་ན་མུ་བཞིའོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། སྐྱེས་བུའི་བྱེད་འབྲས་ནིི་རང་སྐྱེད་བྱེད་དམ་ཐོབ་བྱེད་ཀྱི་རྒྱུའི་སྟོབས་ཀྱིས་མྱུར་བར་སྐྱེད་པ་དང། ཐོབ་པའི་འབྲས་བུ་གང་རུང་གིས་བསྡུས་པ་ཡིན་ནོ། །སྐྱེས་བུ་བྱེད་འབྲས་ཞེས་པའི་རྒྱུ་མཚན་ནི། སྐྱེས་བུའི་བྱེད་པས་བྱས་པ་དང་འདྲ་བའི་འབྲས་བུ་ལ་བར་གྱི་ཚིག་མི་མངོན་པར་བྱས་ནས་དེ་ལྟར་དུ་བཞག་པ་ཡིན་ཏེ། དཔེར་ན་བྱ་རོག་གི་རྐང་པ་དང་འདྲ་བའི་སྨན་ལ། སྨན་བྱ་རོག་རྐང་ཞེས་པ་བཞིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྐྱེས་བུ་བྱེད་འབྲས་

|; |@@@ | | }}